བཟོད་པ་གཡུ་ལོ།

Posted on Dec 02, 2022Read on Mirror.xyz

བོར་སྟོར།

གངས་མེ་སོན།(ཡུལ་ཤུལ།) 

སྙིང་ཉེ་བའི་མི། 
ཉི་ཟླ་དང་ཁ་ཐག་ཐུང་ཞིང་། 
གྲོང་ཁྱེར་དང་རྒྱང་ཐག་རིང་བའི། 
སྒེའུ་ཁུང་ངོས་སུ་ཕོག་པའི་ཉི་ཟེེར་དེ། 
དྲོད་འཇམ་དང་བརྩེ་སེམས་ཨེ་འདུག 
གོ་ཐོས་སུ།
ཁྱོད་རང་ད་ལྟ་རྗེས་དྲན་བྱེད་དགའ་བའི་མི་ཞིག་གྱུར་བཞིན་འདུག་ཟེར། 
ང་རང་ཕ་ཡུལ་གྱི་ཆུ་འགྲམ་དུ་ལངས་ནས། 
ཕྱིར་མིག་ཀློང་གི་ཁྱོད་ལ་བལྟས་པ་ཡིན།
ངའི་ཡིད་ལ་ལོ་ཡར་སྔོན་གྱི་ཁྱོད་ཉིད་དྲན་བྱུང་།
དེ་དུས་ཀྱི་ཁྱོད་ནི་རྨི་ལམ་ཡོད་པའི་མི་ཞིག 
དེ་དུས་ཀྱི་ཁྱོད་ནི་སྙན་ངག་འབྲི་དགའ་བའི་མི་ཞིག 
དེ་དུས་ཀྱི་ཁྱོད་ནི་མི་རིགས་ཀྱི་ལས་དབང་ལ་སེམས་ཁུར་བྱེད་དགའི་མི་ཞིག 
སྙིང་ཉེ་བའི་མི། 
ངས་ད་སྐབས་ཁྱོད་རང་ཧ་ཅང་དྲན་བཞིན་འདུག 
ཁྱོད་རང་ཡུལ་དུ་སླེབས་མི་ཐུབ་པའི་ས་ཆ་དེ་ནས། 
སུ་དྲན་བཞིན་འཆིས།