བཟོད་པ་གཡུ་ལོ།

Posted on Nov 24, 2022Read on Mirror.xyz

ཁོང་གིས་བོད་ཡིག་ལ་འཛིན་པའི་རྣམ་འགྱུར།

                                                                                                                                             
                                                      བདུན་གཉིས། (ནག་ཆུ། ) 

མིག་ཟུང་འཕུར་འཕུར་བྱས་ཏེ་བལྟས་ཀྱང་།

མདུན་གྱི་ཡིག་འབྲུ་དེ་དག་ཡེ་ནས་ཀློག་མ་ཤེས།

ཡང་སྐོར་བསྐྱར་སྐོར་ངང་བལྟས་ཀྱང་།

ཡིག་ངོ་གཅིག་ཀྱང་མ་ཆོད།

དེ་ནས་བཟུང་།

སུམ་རྟགས་དག་གསུམ་གྱི་དེབ་མཐུག་པོ་དེར།

ཁོང་གིས་མིག་ཟུར་ཙམ་ཡང་འཕེན་མ་མྱོང་།

ནམ་ཞིག

ཁོང་གི་ཚེ་སྲོག་མཇུག་རྫོགས།

ཁོང་གི་རྗེས་རབས་པ་ཡོད་ཚད་ལ།

ཁོང་གི་ནད་འགོས།